普兰县政务服务中心搬迁公告
སྤུ་ཧྲེང་རྫོང་སྲིད་དོན་ཞབས་ཞུ་ལྟེ་གནས་སྤོ་རྒྱུ།
普兰县政务服务中心搬迁公告
为持续优化营商环境,提升政务服务效能,为企业和群众提供更加高效便捷的“一站式”服务,普兰县政务服务中心将整体搬迁至贡嘎路43号办公。现将有关事项公告如下:
一、搬迁时间
普兰县政务服务中心将于2026年5月1日至5日(五一节假日)搬迁至贡嘎路43号(普兰县九年一贯制学校往南约100米),5月6日(星期三)起试运行。届时,原政务服务大厅将暂停所有窗口现场业务办理。
二、新址地点
普兰县贡嘎路43号(普兰县政务服务中心)。
三、注意事项
(一)服务提示。5月1日至5日(五一节假日)期间因网络调试、系统对接原因,两地均暂停服务,请办事人员合理安排时间,避免空跑。
(二)咨询电话。普兰县“12345”政务服务热线。
因搬迁带来的不便,我们深表歉意,敬请谅解!我们将竭诚为您提供更加便捷、高效、优质的服务!
༄༅། །སྤུ་ཧྲེང་རྫོང་སྲིད་དོན་ཞབས་ཞུ་ལྟེ་གནས་གནས་སྤོའི་སྤྱི་བསྒྲགས།
ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་སུ་གཏོང་བ་དང་སྲིད་དོན་ཞབས་ཞུའི་ཕན་ནུས་ཆེ་རུ་བཏང་ནས་ཁེ་ལས་དང་མང་ཚོགས་ལ་དེ་བས་ནུས་ཆེ་དང་སྟབས་བདེའི“གཅིག་འཐུས་རྣམ་པའི”ཞབས་འདེགས་ཞུ་ཆེད་སྤུ་ཧྲེང་རྫོང་སྲིད་དོན་ཞབས་ཞུ་ལྟེ་གནས་དེ་ཀུན་དགའ་ལམ་སྒོ་ཨང་43གཞུང་ལས་ཁང་པར་སྤོ་རྒྱུ་ཡིན་པས། ད་ལྟ་འབྲེལ་ཡོད་དོན་དག་སྤྱི་བསྒྲགས་བྱ་རྒྱུ་གཤམ་གསལ།
གཅིག གནས་སྤོའི་དུས་ཚོད།
སྤུ་ཧྲེང་རྫོང་སྲིད་དོན་ཞབས་ཞུ་ལྟེ་གནས་དེ་2026ལོའི་ཟླ་5ཚེས་1ཉིན་ནས་ཚེས་5ཉིན་བར་༼ལྔ་གཅིག་དུས་ཆེན་རིང་༽ཀུན་དགའ་ལམ་སྒོ་ཨང་43༼སྤུ་ཧྲེང་རྫོང་ལོ་དགུའི་བསྟུས་འབྲེལ་ལམ་ལུགས་ཀྱི་སློབ་གྲྭའི་ལྷོ་ཕྱོགས་སུ་སྨི་100ཙམ༽གནས་སྤོ་བྱ་རྒྱུ་དང་ཟླ་5ཚེས་6ཉིན་༼གཟའ་ལྷག་པ་༽ནས་ཚོད་ལྟའི་འཁོར་སྐྱོད་བྱ་རྒྱུ་ཡིན། སྐབས་དེ་དུས་དེ་སྔའི་སྲིད་དོན་ཞབས་ཞུའི་ཚོམས་ཆེན་དུ་སྐར་ཁུང་ཚང་མའི་ལས་སྒོ་གཉེར་མཚམས་འཇོག་རྒྱུ་ཡིན།
གཉིས། གནས་ཡུལ་གསར་པ།
སྤུ་ཧྲེང་རྫོང་ཀུན་དགའ་ལམ་སྒོ་ཨང་43༼སྤུ་ཧྲེང་རྫོང་སྲིད་དོན་ཞབས་ཞུ་ལྟེ་གནས༽
གསུམ། དོ་སྣང་བྱེད་དགོས་པའི་དོན་ཚན།
༼གཅིག༽ ཞབས་ཞུའི་གསལ་བཤད། ཟླ་བ་5པའི་ཚེས་1ཉིན་ནས་ཚེས་5ཉིན་བར་༼ལྔ་གཅིག་དུས་ཆེན་རིང་༽དྲ་རྒྱའི་སྙོམས་སྒྲིག་ཚོད་ལྟ་དང་མ་ལག་སྦྲེལ་མཐུད་ཀྱི་རྐྱེན་པས་ས་གནས་གཉིས་ཀར་ཞབས་ཞུ་མཚམས་འཇོག་བྱེད་རྒྱུ་ཡིན་པས། ལས་སྒྲུབ་མི་སྣས་དུས་ཚོད་བཀོད་སྒྲིག་ལུགས་མཐུན་བྱས་ནས་སྟོང་རྒྱུག་མི་ཡོང་བ་བྱེད་དགོས།
༼གཉིས༽བློ་འདྲིའི་ཁ་པར། སྤུ་ཧྲེང་རྫོང་“12345”སྲིད་དོན་ཞབས་ཞུའི་ཐད་སྦྲེལ་ཁ་པར།
གནས་སྤོ་བྱས་པའི་དབང་གིས་ཁྱེད་ལ་སྟབས་མི་བདེ་བ་ཡོང་སྲིད་པས་ང་ཚོས་དགོངས་དག་ཞུ་རྒྱུ་ཡིན། སླད་ཕྱིན་ང་ཚོས་བསམ་པ་རྣམ་དག་གིས་ཁྱེད་ལ་དེ་བས་སྟབས་བདེ་དང་། ནུས་ཆེ། སྤུས་ལེགས་བཅས་ཀྱི་ཞབས་ཞུ་མཁོ་འདོན་བྱ་རྒྱུ་ཡིན།
普兰县人民政府办公室
(县行政审批和便民服务局)
